12838

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་སྒྲ
Tibetan Definition (བརྡ་སྤྲོད) བརྗོད་བྱའི་དོན་བྱེ་བྲག་པ་དམིགས་སུ་མི་འཛིན་པར་སྤྱི་ཁྱབ་ཏུ་འཇུག་ཅིང༌། མི་ཚབ་ཀྱི་ནུས་པའང་ཐོན་པའི་ཚིག་ཕྲད་ཅིགཅིཇིསུགངབཅས་ཀྱི་ཚིག་ཕྲད་བཞིའོ། །སྒྲའི་སྦྱོར་ཚུལ་ནི། ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་ཀུན་ལའོ། །ཞེས་པ་ལྟར་ཏེ།ཅིཅི་ཞིག ཅི་སྟེ། ཅི་སླད། ཅི་འདྲ། ཅི་ཕྱིར།ཇིཇི་སྙེད། ཇི་སྲིད། ཇི་ལྟར། ཇི་བཞིན། ཇི་སྐད།སུསུ་ཞིག སུ་གང༌། སུ་སུ། སུ་དང་སུ་ཞིགགངགང་ཞིག གང་འདྲ། གང་ལྟར། གང་ཅིའི་ཐད་ལྟ་བུ།