12840

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་སྡོམ་སྡོམ་བར་སྡོམ
Tibetan Definition (འདུལ་བ) 1 སོ་སོར་ཐར་པའི་མདོའི་སྐབས་སྤྱི་སྡོམ་དང༌། སྡོམ། བར་སྡོམ། ཞེས་གསུམ་འབྱུང་བ་དེ་གསུམ་གྱི་ཁྱད་པར་ནི། འོག་ནས་འབྱུང་བའི་དོན་རྣམས་མདོར་བསྡུས་ཏེ་སྟོན་པ་ལ་སྤྱི་སྡོམ། སྤྱི་སྡོམ་གྱིས་བསྡུས་པའི་དོན་དེ་ཉིད་གོ་རིམ་བཞིན་དུ་སྟོན་པ་ལ་སྡོམ། སྤྱི་སྡོམ་དང་སྡོམ་གྱིས་མ་བསྡུས་པའི་དོན་རྣམས་སྐབས་སྐབས་སུ་ཚིགས་སུ་བཅད་པར་བསྡུས་ནས་སྟོན་པ་ལ་བར་སྡོམ་ཞེས་བྱའོ། །ཞེས་སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་ལ་གཞི་བྱས། 2 ཡང༌། སྤྱི་སྡོམ་ནི་སྤྱིའི་དོན་ཚིགས་སུ་བཅད་པར་བསྡུས་པའོ། །སྡོམ་ནི་དངོས་ཀྱི་དོན་ཚིགས་སུ་བཅད་པར་བསྡུས་པའོ། །བར་སྡོམ་ནི་ཡན་ལག་གི་དོན་ཚིགས་སུ་བཅད་པར་བསྡུས་པའོ། །ཞེས་སློབ་དཔོན་དཔའ་བོ་གསུང༌།