12856

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱོད་འཇུག་གི་འགྲེལ་པའི་སྐོར
Tibetan Definition འདི་ལ་རྒྱ་གར་ན་འགྲེལ་པ་མི་འདྲ་བ་བརྒྱ་རྩ་ཡོད་པར་བུ་སྟོན་རིན་པོ་ཆེ་སོགས་མཁས་པ་རྣམས་གསུང༌། འགྲེལ་པ་དེ་རྣམས་ལས་བོད་དུ་འགྱུར་བ་འགྲེལ་པ་བརྒྱད་ཡོད་པ་ཚང་མ་འགྲེལ་ལུགས་མི་འདྲ་བ་ཡོད་པར་གསུངས་ཤིང༌། བོད་དུ་འགྱུར་བའི་རྒྱ་འགྲེལ་བརྒྱད་ནི། ཤེར་འབྱུང་བློ་གྲོས་ཀྱི་འགྲེལ་ཆེན། བཻ་རོ་ཙ་ན་རཀྵི་ཏ། དགེ་བ་ལྷ། བི་བྷུ་ཏི་ཙནཱས་མཛད་པའི་འགྲེལ་པ། ནག་པོ་བའི་འགྲེལ་པ། ལེའུ་དགུ་པའི་དཀའ་འགྲེལ་མཛད་བྱང་མེད་པ་ཞིག གསེར་གླིང་པས་མཛད་པའི་འགྲེལ་པ། ཇོ་བོ་རྗེས་མཛད་པའི་འགྲེལ་པ་དང་བརྒྱད་དོ། །དེ་བཞིན་དུ་ཤེར་ལེའི་འགྲེལ་པ་རྔོག་ལོས་བསྒྱུར་བ་རྣམས་ཡོད། (བོད་འགྲེལ) ནི་ཤིན་ཏུ་མང་། བདག་གིས་མཐོང་ཐོས་སུ་གྱུར་པ་འགའ་རེ་བརྗོད་ན། བུ་སྟོན་རིན་ཆེན་གྲུབ་ཀྱི་སྤྱོད་འཇུག་འགྲེལ་པ། ས་སྐྱའི་རྗེ་བཙུན་བསོད་ནམས་རྩེ་མོའི་སྤྱོད་འཇུག་འགྲེལ་པ། ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྤྱོད་འཇུག་དོན་བསྡུས། རྒྱལ་ཚབ་དར་མ་རིན་ཆེན་གྱི་སྤྱོད་འཇུག་གི་འགྲེལ་པ (འདི་བོད་འགྲེལ་ཐམས་ཅད་ཀྱི་ནང་ནས་གྲགས་ཆེ་ཤོས་ཡིན) ། བཀའ་བརྒྱུད་ཀྱི་དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ། བློ་བཟང་སྦྱིན་པའི་སྤྱོད་འཇུག་གི་འགྲེལ་པ། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་སྤྱོད་འཇུག་ཊཱིཀ་རིན་པོ་ཆེའི་ཕྲེང་བ། ཐུབ་བསྟན་ཆོས་ཀྱི་གྲགས་པའི་སྤྱོད་འཇུག་འགྲེལ་པ་བཅས་སོ། །ཀློང་རྡོལ་བླ་མས་སྤྱོད་འཇུག་འགྲེལ་པ་རྒྱ་བོད་གཉིས་ཀ་བསྡོམས་ན་ལྔ་བཅུ་རྩ་གཅིག་ཡོད་པར་གསུངས་སོ། །