12857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱོད་འཇུག་ཆེན་མོ
Tibetan Definition བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ། རྒྱལ་སྲས་ཞི་བ་ལྷས་མཛད། འདི་ལ་ལེའུ་བཅུ་ཡོད་དེ། དང་པོ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་གྱི་ལེའུ། གཉིས་པ་སྡིག་པ་བཤགས་པའི་ལེའུ། གསུམ་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ལེའུ། བཞི་པ་བག་ཡོད་ཀྱི་ལེའུ། ལྔ་པ་ཤེས་བཞིན་གྱི་ལེའུ། དྲུག་པ་བཟོད་པའི་ལེའུ། བདུན་པ་བརྩོན་འགྲུས་ཀྱི་ལེའུ། བརྒྱད་པ་བསམ་གཏན་གྱི་ལེའུ། དགུ་པ་ཤེས་རབ་ཀྱི་ལེའུ། བཅུ་པ་བསྔོ་བའི་ལེའུ་དང་བཅུའོ། །འདི་སྡེ་དགེ་བསྟན་འགྱུར་དབུ་མ་གླེགས་བམ་༼ ལ་པ ༽ ༡ན༡བཞུགས་སོ། །