12867

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱོམས་པ
Tibetan Definition གཞན་ལ་ངོམ་པ། རང་གི་ཡོན་ཏན་གཞན་ལ་སྒྲོགས་པ། རྗེའི་བླ་མ་ལྔ་བཅུ་པའི་རྣམ་བཤད་ལས། སྤྱོམས་པ་ནི་རང་གི་ཡོན་ཏན་ཅུང་ཟད་ཙམ་ཡང་གཞན་ལ་ངོམ་པའོ། །ཞེས་གསུངས་སོ། །བླ་མ་ལྔ་བཅུ་པ་དང༌། རྗེའི་བླ་མ་ལྔ་བཅུ་པའི་རྣམ་བཤད་གཉིས་ཀར་སྤྱོམས་ཞེས་ས་མཐའ་མཛད་སྣང་ངོ༌། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༧༩བ༤ལས་ཀྱང་། སྙིང་རྗེ་ཆེན་པོ་ནི་རང་གི་ཡོན་ཏན་མི་སྤྱོམས་པ་སྟེ། བདག་གི་ཡོན་ཏན་གཞན་ལ་མི་སྒྲོགས་པའོ། །ཞེས་གསུངས་སོ། །