12872

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲ་བ
Tibetan Definition (འདུལ་བ) ཤིང་བལ་སྐྱེ་བའི་ཤིང་ཞིག་གི་མིང་། ཞིབ་ཏུ་བཤད་ན། ཤིང་བལ་སྐྱེ་བའི་ཤིང་ལ་རིགས་ལྔ་ཡོད་པའི་ནང་ནས་གཅིག་གི་མིང་། འདུལ་བ་ལུང་གཞི་༼ ཀ་པ ༽ལས། ཤིང་བལ་དག་ནི་ལྔ་སྟེ། ཨ་རྐའི་ཤིང་བལ་དང༌། ཀ་ཤི་ཀའི་ཤིང་བལ་དང༌། ཨེར་ཀའི་ཤིང་བལ་དང༌། སྤྲ་བའི་ཤིང་བལ་དང༌། ཤལ་མ་ལིའི་ཤིང་བལ་དག་ཡིན་ནོ། །ཞེས་གསུངས་ཤིང་། མདོ་རྩ་བ་༼ ཝུ ༽༤༧བ ༧ལས། ཤིང་བལ་ནི་ལྔ་སྟེ། ཤམ་ལའི་དང་། ཨརྐའི་དང་། སྤྲ་བའི་དང་། ཨེར་ཀའིའོ། །ཞེས་ཤིང་བལ་ལྔ་གསུངས་སོ། །