From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| སྤྲ་བའི་མེ་ཏོག
|
| Tibetan Definition
|
(འདུལ་བ) མདོག་སྐྱ་བའམ་དཀར་བའི་དཔེ་ཞིག་སྟེ། སྤྲ་བ་ནི་ཤིང་བལ་སྐྱེ་བའི་ཤིང་ཞིག་གི་མིང་ཡིན་ལ། སྤྲ་བའི་མེ་ཏོག་ཅེས་པ་མེ་ཏོག་དངོས་མ་ཡིན་གྱི། ཤིང་བལ་གྱི་གང་བུ་སྐམ་སྟེ་ཁ་བྱེ་ནས་ཤིང་བལ་ཕྱིར་ཐོན་པ་ལས་མེ་ཏོག་གི་རྣམ་པ་འདྲ་བར་གྱུར་པ་ལ། སྤྲ་བའི་མེ་ཏོག་ཅེས་མིང་བཏགས་པ་ཙམ་མོ། །འདུལ་བ་ལུང་གཞི་ལས། དེས་རྒྱང་རིང་པོ་ཁོ་ན་ནས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་སྨིན་མ་འཕྱང་བ་ཞིག་མཐོང་ནས། ཞེས་གསུངས་པ་ལྟ་བུའོ། །འོ་ན་དེ་མེ་ཏོག་ག་ལ་ཡིན་སྙམ་ན། མིང་བཏགས་པ་ཙམ་གྱིས་དེ་ཡིན་ག་ལ་དགོས། དཔེར་ན་མེ་ཏོག་ཙམ་པ་ཀའང་གང་བུའི་ནང་གི་ས་བོན་ཞིག་ཡིན་པ་ཙམ་ལས་ཡོངས་གྲགས་ཀྱི་མེ་ཏོག་ཅིག་མིན་པ་བཞིན་ནོ། །སྤྲ་བ་ནི་ཤིང་བལ་སྐྱེ་བའི་ཤིང་ཕྲན་གྱི་རིགས་ཤིག་གི་མིང་ཡིན་པར་མདོ་རྩ་བ་༼ ཝུ ༽༤༧བ༧ལས་གསུངས་སོ། །ཞིབ་པར་སྤྲ་བ་ཞེས་པའི་ཐད་དུ་གཟིགས།
|