12877

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲིན
Tibetan Definition 1 མཚོ་རླངས་མཁའ་དབྱིངས་སུ་ལྡིང་བའི་ཚོགས་པ་ལ་ཟེར། འདི་ནི་དེང་དུས་ཀྱི་མཚན་རིག་པའི་བཤད་ཚུལ་དང་མཐུན་པ་ཡིན་མོད། འོན་ཀྱང་ལོ་སྟོང་ཕྲག་གོང་གི་ཆོས་ཀྱི་གཞུང་རྣམས་སུའང་སྣང་སྟེ། རྒྱལ་པོ་བཀའི་ཐང་ཡིག (ཡར་རྗེ་ཡོ་རྒྱན་གླིང་པས་དགེ་བ་མཐར་རྒྱས་གླིང་ནས་གཏེར་དུ་བཞེས་པའི་རྒྱལ་པོ་བཀའ་ཐང་ཤོག་གྲངས་༩ན་༢) ལས། མཚོ་ཡི་རླངས་ལས་མཁའ་ལ་སྤྲིན་དུ་ཆགས༔ ཞེས་བཤད་དོ། །