12884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲིབས་པ
Tibetan Definition (བརྡ་རྙིང) ལྟོགས་པའི་དོན་དུ། ལི་ཤིའི་གུར་ཁང་དང་། དག་ཡིག་ཤེས་བྱ་རབ་གསལ། དག་ཡིག་གསར་བསྒྲིགས། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་བཤད་ཀྱང་། འདི་ནི་གཞུང་ཆེན་མོ་ལ་རྟོག་ཞིབ་ནན་ཏན་མ་བྱས་པར་རང་འགར་དག་ཡིག་ལི་ཤིའི་གུར་ཁང་དུ་སྤྲེབས་པ་ལ་སྤྲིབས་པ་ཞེས་ཡིག་ནོར་བྱུང་བ་དེ་རང་ལ་དཔེ་བླངས་ཏེ། བྱུང་རྒྱལ་དུ་བྲིས་པར་སྣང་སྟེ། སྡེ་དགེ་བཀའ་འགྱུར་འདུལ་བ་ལུང་གཞི་༼ ཀ་པ ༽༡༠༥ན༥ལས། བཙུན་པ་དགེ་འདུན་འཚོ་མི་སྐྱེམས་སམ། མི་སྤྲེབས་སམ། དེས་སྨྲས་པ། ཚེ་དང་ལྡན་ (པ) (མ་དཔེར་པ་ཡིག་མེད་པ་ནི་ཆད་སྐྱོན་ཡིན་པར་སེམས) བདག་སྐོམ་མོ། །བཀྲེས་སོ། །ཞེས་གསུངས་ཤིང་། ཡང་དེའི་མཇུག་ཏུ་༡༠༦ན༤པར་ཡང་གོང་དང་མཚུངས་པར་འབྱུང་ཞིང་། མ་ཟད་སྤྲེབས་པ་དང་བཀྲེས་པ་གཉིས་སྒྲ་གདངས་ཡང་ཧ་ཅང་ཉེ་བའི་ཕྱིར་དང་། ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་མདོ་དང་བསྟན་བཅོས་སོགས་གཞུང་ཁུངས་མ་ནས་བཤད་པའི་སྤྲིབས་པའི་དཔེ་མཚོན་གཅིག་ཙམ་ཡང་བཤད་པ་མེད་པའི་ཕྱིར། སྤྲེབས་པ་ཉིད་དག་པར་སེམས་སོ། །