12893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་སྐུ་གསུམ
Tibetan Definition 1 (དགེ་ལུགས) བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་དང་གསུམ་མོ། །དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དུ་པི་ཝིང་མཁན་གྱི་གཟུགས་སུ་སྤྲུལ་པའི་དེ་བཞིན་གཤེགས་པ་ལྟ་བུ་དང་པོའི་མཚན་གཞི། ལྷ་ཡི་བུ་དམ་པ་ཏོག་དཀར་པོ་ལྟ་བུ་གཉིས་པའི་མཚན་གཞི། ཡང་ན་རི་དྭགས་རུ་རུར་སྤྲུལ་པའི་དེ་བཞིན་གཤེགས་པ་ལྟ་བུ་གཉིས་པའི་མཚན་གཞི་ཡིན། བདག་ཅག་གི་སྟོན་པ་ལྟ་བུ་གསུམ་པའི་མཚན་གཞི་ཡིན།