12897

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲེའུ་རྫིང
Tibetan Definition (འདུལ་བ) 1 སྤྲེའུ་རྫིང་ཞེས་གྲགས་པ་འདི་ཡངས་པ་ཅན་ན་ཡོད་པར། འདུལ་བ་ལུང་གཞི་༼ ག་པ ༽དང་། ལུང་རྣམ་འབྱེད་༼ ཆ་པ ༽༢༦༥བ༣ན་གསལ། ཐང་ཟན་བླ་མའི་ལམ་ཡིག་ལས། དེ་ནས་ཤར་ལྷོའི་མཚམས་སུ་རྒྱང་གྲག་བཅུ་ཕྲག་གཉིས་དང་བཞི་ལྔ་ཙམ་གྱི་སར། རྫིང་སྐམ་ཅིག་གིས་ལོགས་སུ་མཆོད་རྟེན་ཅིག་ཡོད་པ། སྔོན་སྟོན་པ་ཞལ་བཞུགས་པའི་དུས་གནས་འདིར་འཆག་པ་དང་བཞུགས་པ་མཛད་པའི་སྐབས་སྤྲེའུ་ཞིག་གིས་སྟོན་པ་ལ་སྦྲང་རྩི་ཕུལ་བར། སྟོན་པས་ཆུ་དང་སྦྱར་ཏེ་བཞེས་ཤིང་ལྷག་མ་དགེ་འདུན་རྣམས་ལ་བྲིམས་པར་མཛད་པས། སྤྲིའུ་དེ་དགའ་བཞིན་འོབས་སུ་ལྷུང་ནས་ཤི་ནས་མིར་སྐྱེས་པའི་ལོ་རྒྱུས་སྣང་ངོ༌། །ཞེས་གོང་གི་རྫིང་སྐམ་དེ་སྔོན་གྱི་སྤྲེའུ་རྫོང་ཞེས་པ་དེ་ཡིན་ནམ་སྙམ། 2 སྤྲེའུས་བརྐོས་པའི་ཆུའི་རྫིང་བུ།