12902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོས་པ
Tibetan Definition (སྤྲོ་བའི་འདས་པ) 1 གཅིག་ལས་མང་པོ་གྱེས་པ། 2 རྣམ་གྲངས་མང་པོ། དཔེར་ན་རྣམ་གྲངས་མང་པོ་ལ་སྤྲོས་པ་རྒྱས་པོ་ཞེས་པ་ལྟ་བུ། གཞན་ཡང་། ནམ་མཁའ་ལྟར་སྐྱེ་གནས་འཇིག་གསུམ་གྱི་སྤྲོས་པ་དང་བྲལ་བ་ཞེས་པ་ལྟ་བུ་དང་། ཕྱི་ནང་གི་སྤྲོས་པ་ཞེས་པ་ལྟ་བུའོ། །3 འཆིང་བའམ། འཆིང་བྱེད། བདེན་འཛིན་གྱི་འཆིང་བ་ལ་བདེན་འཛིན་གྱི་སྤྲོས་པ་ཞེས་པ་ལྟ་བུ། 4 དགག་བྱ། དགག་བྱའི་སྤྲོས་པ་ཞེས་པ་ལྟ་བུ་དང་། དགག་བྱ་དང་བྲལ་བ་ལ་སྤྲོས་བྲལ་ཞེས་པ་ལྟ་བུ། 5 ཕྱུང་བ། ཕབ་པ། རྗེའི་ལྷ་མོ་བཞི་ཞུས་ཀྱི་རྒྱ་ཆེར་བཤད་པ་ལས། ཡུམ་གྱི་ཆོས་འབྱུང་གི་གནས་པདྨ་ལ་བྱང་ཆུབ་ཀྱི་སེམས་ཐིག་ལེ་སྤྲོས་པ་སྟེ་ཕབ་ནས་ཞུ་བར་མཛད་དོ། །ཞེས་གསུངས་པ་ལྟར་རོ། །