12904

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོས་བྲལ
Tibetan Definition 2 (བཀའ་རྙིང) རྣམ་རྟོག་གི་སྤྲོས་པ་ཡིད་ངོར་བཅད་ཙམ་གྱི་ཧད་དེ་བ། སྒྲ་བཤད་ནི། རྣམ་རྟོག་གི་སྤྲོས་པ་དང་བྲལ་བས་ན་སྤྲོས་བྲལ་ཞེས་བྱ་སྟེ། ཀརྨ་པ་རང་བྱུང་ཞབས་ཀྱིས། གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ནི། །རྣམ་རྟོག་སྤྲོས་པའི་མཚན་མ་ཀུན་གྱིས་སྟོང་། །གསལ་ལ་འཛིན་མེད་དག་པའི་རང་བཞིན་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ། །ཞེས་གསུངས་པ་ལྟར་རོ། །