12905

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོས་བྲལ་གྱི་རྣལ་འབྱོར
Tibetan Definition (བཀའ་བརྒྱུད) ཕྱག་ཆེན་གྱི་རྣལ་འབྱོར་བཞིའི་ནང་གསེས། སེམས་ཀྱི་ངོ་བོ་ནམ་མཁའ་ལྟར་སྐྱེ་འགག་གནས་གསུམ་གྱི་སྤྲོས་པ་དང་བྲལ་བར་རྟོགས་པའི་རྣལ་འབྱོར། འདི་དང་རྣལ་འབྱོར་བཞིའི་དང་པོ་རྩེ་གཅིག་གི་རྣལ་འབྱོར་གཉིས་ལས། རྩེ་གཅིག་གི་སྐབས་གཟུང་འཛིན་དངོས་པོ་ལ་བདེན་འཛིན་མ་ཞིག་པར་དངོས་འཛིན་ཨ་འཐས་ཀྱི་སྣང་བ་འཆར་ལ། འདིའི་སྐབས་སུ་དེ་ལ་བདེན་འཛིན་མེད་པར་སྒྱུ་མ་ལྟ་བུའི་སྣང་བ་འཆར་བའི་ཁྱད་པར་སོགས་མང་དུ་ཡོད་པར་གསུངས། དེ་ལ་ཆུང་འབྲིང་ཆེ་གསུམ་ཡོད།