12911

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦ་བཞེད
Tibetan Definition (རྒྱལ་རབས) ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག་སྟེ། དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ། སྦ་གསལ་སྣང་དང་སྦ་སང་ཤི་སོགས་རྒྱལ་བློན་རྣམས་ཀྱིས་བསྒྲིགས་པར་བཤད། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༦༢ན༧ལས། སྦ་བཞེད་ཅེས་སྦ་གསལ་སྣང་དང་། སྦ་སང་ཤི་སོགས་རྒྱལ་བློན་གྱིས་བསྒྲིགས་ཏེ། གཅིག་རྗེའི་ཕྱག་དང་། གཅིག་ཞང་བློན་རྣམས་དང་། གཅིག་དགེ་འདུན་མཆོད་གནས་རྣམས་ལ་བཞག་པར་གྲགས་ཤིང་། དེ་ལ་སོ་སོའི་འདོད་པ་ལྷད་ཞུགས་པས་ཕྱི་མར་ཅུང་ཟད་མི་འདྲ་བ་གསུམ་དུ་གྱུར་པས། རྒྱལ་བཞེད། སྦ་བཞེད། བླ་བཞེད་ཅེས་རྩ་བ་ནས་མི་འདྲ་བ་གསུམ། དེ་ལ་ཡང་རྒྱས་བསྡུས་ཀྱི་དབྱེ་བ་ཅུང་ཟད་དུ་གྱུར་པ་རྣམས་དང་། བཀའ་མའི་ལོ་རྒྱུས་རྣམ་པ་མི་མཐུན་པ་སྣ་ཚོགས་པས་དེར་བརྟེན་རྟོགས་པ་སྣ་ཚོགས་སུ་འཕེལ་བའི་ལོ་ཚིགས་མི་འདྲ་བ་སྣ་ཚོགས་པ་ཞིག་སྣང་བ་ལས་དོགས་པར་གྱུར་ཀྱང་སྐབས་འདིར་དགོས་པ་ཆེར་མ་བྱུང་བ་དང་། ཞེས་གསུངས་སོ། །སྒྲ་བཤད་ནི། སྦ་གསལ་སྣང་སོགས་རྒྱལ་བློན་རྣམས་ཀྱི་བཞེད་པའམ་དགོངས་ཚུལ་རྣམས་འདིར་བཀོད་ཡོད་པས་དེ་ལྟར་དུ་བཏགས་སོ། །