12917

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦལ་པ
Tibetan Definition <བྷེ་ཀཿ> 1 ཆུ་དང་སྐམ་ས་གཉིས་ཀར་སྡོད་ཅིང་མཆོང་རྒྱག་བརྒྱབ་ནས་འགྲོ་བའི་སྲོག་ཆགས་ཤིག སྒོ་ངའི་ནང་ནས་ཐོན་རྗེས། མགོ་ཆེ་ལ་མཇུག་མ་རིང་བའི་ལྕོང་མོའམ་སྦལ་ལྕོང་ (ཡུལ་སྐད་དུ་འབུ་ཐོམ་བུ་ཟེར) དུ་འགྱུར། དེ་ནས་རིམ་གྱིས་ཡན་ལག་བཞི་འབྱུང་ཞིང་། མཇུག་མ་བྱི་ (བུད) སྟེ་སྦལ་པར་འགྱུར། འདི་ལེགས་སྦྱར་གྱི་ भेकः “བྷེ་ཀཿ” ཟུར་ཆག་པ་མིན་ནམ་སྙམ་ཡང་དཔྱད་དོ། །2 སྡིག་སྲིན་ལའང་འཇུག་སྟེ། འདི་ལ་སྦལ་པ་དང་། སྦལ་ཆེན། སྦལ་པ་རྐང་མང་སོགས་སུ་འབོད་པའི་ཕྱིར་རོ། །མངོན་བརྗོད་མཁས་པའི་རྣ་རྒྱན་ལས་ཀྱང་། སྡིག་སྲིན་གྱི་མིང་། འཕྲོག་བྱེད་མིག་དང་རྐང་མང་པོ། སྦལ་ཆེན་སྡིག་སྲིན་ཀརྐ་ཊ། ཞེས་གསུངས་སོ། །