12929
Jump to navigation
Jump to search
སྦོམ་པོ | |
Tibetan Definition | 2 (འདུལ་བ) ཕམ་ལྷག་གང་རུང་གི་ལྟུང་བ་ན་སྨད་ལ། སྦོམ་པོ་ཟེར། འདི་ལ་ཉེས་པ་སྦོམ་པ་ཡང་ཟེར། སྒྲ་བཤད་ནི། ཉེས་པ་ལྕི་བས་ན་སྦོམ་པོ་ཞེས་བྱའོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༢༧བ༧ལས། ཉེས་པ་སྦོམ་པོ་ཞེས་བྱ་བ་ནི་ཉེས་པ་ལྕི་བ་སྟེ་ཕམ་པར་གྱུར་པ་དང་། དགེ་འདུན་ལྷག་མ་དང་ཉེ་བར་འཇུག་པའི་ལྟུང་བའོ། །ཞེས་གསུངས་པ་ལྟར་རོ། ། |
---|