12939

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱངས་པའི་ཡོན་ཏན་བཅུ་གཉིས
Tibetan Definition (འདུལ་བ) བསོད་སྙོམས་པ། སྟན་གཅིག་པ། ཟས་ཕྱིས་མི་ལེན་པ། ཆོས་གོས་གསུམ་པ། ཕྱིང་པ་བ། ཕྱག་དར་ཁྲོད་པ། དགོན་པ་བ། ཤིང་དྲུང་པ། བླ་གབ་མེད་པ། དུར་ཁྲོད་པ། ཙོག་པུ་བ། གཞི་ཇི་བཞིན་པ་རྣམས་སོ།། དེ་ཡང་ཟས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་ཟས་བསོད་སྙོམས་པ། ཟས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་སྟན་གཅིག་པ་དང༌། ཕྱིས་མི་ལེན་པའོ། །གོས་འཇམ་པོ་ལ་ཆགས་པ་སྤང་བའི་ཕྱིར་ཆོས་གོས་གསུམ་པ་དང༌། ཕྱིང་པ་བའོ། །གོས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་ཕྱག་དར་ཁྲོད་པའོ། །འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར་དགོན་པ་བའོ། །གནས་ཁང་ལ་ཆགས་པ་སྤང་བའི་ཕྱིར་ཤིང་དྲུང་པ་དང༌། བླ་གབ་མེད་པའོ། །གནས་ཁང་ལ་ཆགས་པ་དང་སེམས་ཅན་ལ་ཆགས་པ་གཉིས་ཀ་སྤང་བའི་ཕྱིར་དུར་ཁྲོད་པའོ། །གློས་ཕབ་སྟེ་ཉལ་བ་ལ་ཆགས་པ་སྤང་བའི་ཕྱིར་ཙོག་པུ་བའོ། །རྩ་དང་ལོ་མ་བཏིང་པ་ལས་གཞན་འབོལ་སྟན་དང་རས་ལ་སོགས་པའི་སྟན་གདིང་བ་ལ་ཆགས་པ་སྤང་བའི་ཕྱིར་གཞི་ཇི་བཞིན་པའོ། །སྒྲ་བཤད་ནི། སེམས་ལས་རུང་དུ་བྱེད་པའི་ཡོན་ཏན་ཡིན་པས་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །དམ་བཅའ་བླངས་པ་དང་ལྡན་པས་སྦྱངས་པའི་ཡི་དམ་ཞེས་ཀྱང་བྱའོ། །སྦྱངས་པའི་ཡོན་ཏན་བཅུ་གསུམ་ཞེས་པའང་ཡོད་པས་དེའི་སྐོར་འོག་ཏུ་གཟིགས།