From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| སྦྱིན་པ་ཕུན་སུམ་ཚོགས་པ
|
| Tibetan Definition
|
སྦྱིན་པ་ཕུན་སུམ་ཚོགས་པའི་དོན་ནི། ཀུན་བཏུས་མཆིམས་མཛོད་དུ་༤༥༧དྲངས་པ་ལས། ཀུན་ལས་བཏུས་ལས་ཀྱང་། ཇི་ལྟར་ན་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ཕྱིར་ཞིང་སྦྱིན་པ་དང་། ཕྱོགས་མི་འབྱེད་པར་སྦྱིན་པ་དང་། འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་དང་། མི་གནས་པར་སྦྱིན་པ་དང་། རྒྱ་ཆེར་སྦྱིན་པ་དང་། དགའ་བས་སྦྱིན་པ་དང་། སྣོད་ལ་སྦྱིན་པ་དང་། འཁོར་དང་གློ་བུར་དུ་འོངས་པ་ལ་ལེགས་པར་བགོས་ཏེ་སྦྱིན་པས་སྦྱིན་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །
|