12954

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ཇིད
Tibetan Definition འདི་ཡོན་རྒྱལ་རབས་ཀྱི་གོང་རོལ་དུ་རྒྱ་ནག་ལ་དབང་སྒྱུར་མཁན་གྱི་Chin or Juchen dynasty (sometimes it is written Jurchen) ཆིན་ནམ་ཇུ་ཆེན་ (སྐབས་རེར་ཇུར་ཆེན་ཞེས་ཀྱང་བྲིས་སྣང་ངོ) རྒྱལ་རབས་ཞེས་ཡོད་པ་དེའི་རྒྱལ་བརྒྱུད་ཅིག་མིན་ནམ་སྙམ། ཇུར་ཆེན་འདི་ཕལ་ཆེར་སོག་རིགས་ཤིག་ཡིན་འདུག་སྙམ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་འཆད་པའི་སྐབས་ཀྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་༥༥༥ལས། རྗེ་(པཎ་ཆེན་བློ་བཟང་ཆོས་རྒྱན) འདིས་ནོར་འཛིན་ཡངས་པའི་ཁྱོན་ཐམས་ཅད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བར་མཛད་ཅིང་ལྷག་པར་དབང་ཕྱོགས་གོང་མའི་རྒྱལ་ཁབ་འདི་རྒྱ་ཆེ་ཞིང་སྟོབས་མངའ་ཐང་ཆེ་བས་ཕྱོགས་དེར་རྗེ་རིན་པོ་ཆེའི་བསྟན་པ་སྔོན་དུས་རྗེ་རིན་པོ་ཆེའི་བཀས་བྱམས་ཆེན་ཆོས་རྗེ་མངགས་ཏེ་ཅུང་ཟད་དར་བར་བྱུང་ནའང་དུས་ཕྱིས་དར་ཆ་ཆུང་བས་ཐབས་ཚུལ་ཇི་ལྟ་བུ་ཞིག་གིས་དར་བར་བྱ་སྙམ་དུ་ཡེ་ཤེས་ཀྱི་གཟིགས་པ་ན་སེ་ཆེན་ཆོས་རྗེ་ལ་འཕྲིན་ལས་ཀྱི་བཀའ་བབ་ཡོད་པར་གཟིགས་ནས་སེ་ཆེན་ཆོས་རྗེ་བཀས་མངགས་ཏེ་སྦྱོར་ཇིད་ཀྱི་རྒྱལ་པོ་ལ་རྒྱུ་མཚན་ཞིབ་བཀོད་ཀྱི་ཕྱག་དམ་རྟེན་སྦྲགས་གནང་སྟེ་བཏང་བར་འཕྲིན་ལས་དུས་སུ་བབ་སྟེ་” སྦྱོར་ཇིད” ཀྱི་རྒྱལ་པོས་སེ་ཆེན་ཆོས་རྗེ་གུས་པས་བཀུར་ཏེ་ཕྱོགས་དེར་འཇམ་མགོན་བསྟན་པ་གསར་དུ་བཙུགས་པས་སྦྱོར་ཇིད་ཀྱི་རྒྱལ་པོ་བསོད་ནམས་ཀྱི་སྟོབས་ཆེས་ཆེར་རྒྱས་ཏེ་རྒྱ་ནག་གི་རྒྱལ་སྲིད་ལ་འཁོད་ནས་” དབང་ཕྱོགས” སུ་རྗེ་རིན་པོ་ཆེའི་བསྟན་པ་ཆེས་ཆེར་དར་བར་བྱས་ཤིང་སེ་ཆེན་ཆོས་རྗེ་སླར་བོད་དུ་བྱོན་པའི་ཚེ་གོང་མའི་རྒྱལ་པོས་རྗེ་འདི་པ་དང་རྒྱལ་དབང་ཐམས་ཅད་མཁྱེན་ (རྒྱལ་མཆོག་ལྔ་པ་ཆེན་པོ) པ་གཉིས་ཀ་ལ་གུས་འདུད་བླ་མེད་མཛད། མངགས་འོས་གཟེངས་བསྟོད་ཀྱི་གསེར་ཡིག་གནང་བ་བྱུང་། ༸རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༢༥༡ལས་”ཇུར་ཆིད”ཅེས་བྲིས་སྣང་། དེ་ཉིད་ལས། ལྕགས་འབྲུག་ལོ་དཔོན་སློབ་པཎ་ཆེན་རིན་པོ་ཆེས་སེ་ཆེན་ཆོས་རྗེ་ལ་”ཇུར་ཆིད”རྒྱལ་པོ་འདི་སྟོབས་ཤིན་ཏུ་ཆེ་བ་ཞིག་ཡོད་འདུག་པས་རང་ཕྱོགས་ཀྱི་སྦྱིན་བདག་ལ་ཨེ་ཁུགས་ལྟོས་གསུངས་རྫོངས་བདའ་གནང་སོང་བའི་ཞབས་མཐུད་བྱས་ཏེ་བོག་ཏོ་རྒྱལ་པོར་ཡི་གེ་རྟེན་སྦྲགས་བསྐུར་བ་རྒྱལ་པོའི་གམ་ནས་གེགས་མེད་དུ་ཕྱིར་འཁོར།