12955

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ
Tibetan Definition (སྦྱར་བའི་ད་ལྟ་བ) 1 ཐབས། རྒྱུ། སྦྱོར་དངོས་མཇུག་གསུམ་ཞེས་པ་ལྟ་བུ། 2 སྒྲུབ་བྱེད། རྟགས། རིགས་པ། རྟོགས་སྦྱོར་ལ་སྦྱོར་བ་ཞེས་པའི་སྒྲ་བཤད་ནི། རྟགས་སུ་སྦྱོར་བ་སྟེ་བཀོད་པའི་ཕྱིར་དེ་སྐད་ཅེས་བྱའོ། །3 སྒྲུབ་བྱེད་འགོད་པའི་ངག ལམ་རིམ་ཆེན་མོ་ལས། གཞན་གྲགས་ཀྱི་སྦྱོར་ངག་བཀོད་ནས་ལོག་རྟོག་བཟློག་ལུགས་འདི་གལ་ཆེ་བས་ཞིབ་ཏུ་བཤད་ན། ཞེས་གསུངས་པ་ལྟར་རོ། །4 བསྡེབས་ནས་སྐྲུན་པ། ཕན་ཚུན་སྒྲིག་པ། 5 རྩོལ་བ། སྦྱོར་བྱུང་ཞེས་པ་དང༌། དགེ་བ་མཐར་ཕྱིན་ཁྱོད་ལ་ནི། །སྦྱོར་བ་ལས་བྱུང་ཅི་ཡང་མེད། །ཅེས་གསུངས་པ་ལྟ་བུ། 6 ཕན་ཚུན་སྤྲོད་པ། ཐལ་མོ་སྦྱར། མཚམས་སྦྱོར་ཞེས་པ་ལྟ་བུ། 7 སྦྱིན་པ། རྒྱལ་སྲས་ཞི་བ་ལྷས། འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ། །སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང༌། །བརྙས་བཅས་ཉིན་ཕྱེད་འདྲངས་པར་བྱེད་པ་ཡང༌། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར། །ཞེས་གསུངས་པ་ལྟར་རོ། །8 སྤྱོད་ལམ། སྦྱོར་བ་དམན་པ་བཀུར་སྡི་མི་བྱེད་པར་བརྙས་པ་དང་བཅས་པས་ཟས་སྦྱིན་པ། ཞེས་གསུངས་པ་ལྟ་བུ། 9 བྱ་བ། བསམ་སྦྱོར་ཞེས་པ་ལྟ་བུ། q འཁྲིད་པའམ་སྐྱེལ་བར་བྱེད་པ། སྡུག་ལ་སྦྱོར་ཞེས་པ་ལྟ་བུ།