12959

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བའི་ལྟུང་བ
Tibetan Definition (འདུལ་བ) དགེ་སློང་གིས་རྐུ་བར་འདོད་པས་མཐར་ཐུག་གི་སྔ་རོལ་དུ། བརྐུ་བྱའི་རྫས་ལ་ནོམ་ཉུག་བྱེད་པའི་ལྟུང་བ་ལྟ་བུ། དེ་ལ་སྦྱོར་བའི་སྦོམ་པོ་ཞེས་ཀྱང་བྱ། སྒྲ་བཤད་ནི། ལྟུང་བ་དངོས་གཞི་རྫོགས་པ་ལ་སྦྱོར་བར་བྱེད་པས་ན་སྦྱོར་བ་ཞེས་བྱའོ། །དེས་ན་ཕམ་ལྷག་སོགས་ལ་འཇུག་འདོད་ཀྱི་ཀུན་སློང་ཙམ་མ་ཡིན་པར། ལུས་ངག་གང་རུང་དུ་ཐོན་ན་ཕམ་པ་དངོས་གཞི་ལ་མ་རེག་བར་དུ་སྦྱོར་བའི་ལྟུང་བ་ཞེས་བྱའོ། །དེ་ལ་དངོས་བཏགས་ཀྱི་ཁྱད་པར་སོགས་ཞིབ་པར་མཚོ་ཊཱིཀ་ལས་ཤེས་པར་བྱའོ། །