From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྦྱོར་བའི་སྦྱོར་བའི་ལྟུང་བ
|
Tibetan Definition
|
(འདུལ་བ) ལུས་ངག་ཏུ་མ་ཐོན་ཀྱང་རྐུ་བར་འདོད་པའི་བསམ་པ་སྐྱེས་པ་ལྟ་བུ་ལ་ཟེར། སྒྲ་བཤད་ནི། རང་གི་སྦྱོར་བ་མཚན་ཉིད་པ་ལ་སྦྱོར་བར་བྱེད་པའི་ན་སྦྱོར་བའི་སྦྱོར་བ་ཞེས་བྱའོ། །ཞིབ་ཏུ་བཤད་ན། སྦྱོར་བའི་སྦྱོར་བ་ལ་གཉིས་ཡོད་དེ། སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་། བཏགས་པ་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་སྦྱོར་བ་སེམས་བསྐྱེད་པ་དང་། སྦྱོར་བའི་སྦྱོར་བ་ལུས་ངག་ཏུ་གྲུབ་པའོ། །དང་པོ་ནི་ལུས་ངག་ཏུ་མ་གྲུབ་ཀྱང་རྐུ་བར་འདོད་པའི་བསམ་པ་སྐྱེས་པ་ལྟ་བུ། གཉིས་པ་ནི། དགེ་སློང་གིས་རྐུ་བར་འདོད་པས་ཁྲི་ལས་ལྡང་བ་ནས་གོམ་པ་འདོར་བ་བྱེད་ཅིང་། བརྐུ་བྱའི་རྫས་ལ་ནོམ་ཉུག་མི་བྱེད་པའི་གནས་སྐབས་ལ་ཟེར། ནོམ་པའི་སྔ་རོལ་ཏུ་སྦྱོར་བའི་སྦྱོར་བ་ཉིད་དོ། །གཉིས་པ་སྦྱོར་བའི་སྦྱོར་བ་བཏགས་པ་བ་ལ་གཉིས་ཏེ། སྦྱོར་བའི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བ་དང་། དངོས་གཞིའི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བའོ། །དང་པོ་ནི། སྦྱོར་བའི་སྦྱོར་བ་བྱེད་བཞིན་པའི་གནས་སྐབས་སུ་རྐུ་བའི་འདུན་པ་ལོག་པ་ལྟ་བུ་སྟེ། མཐར་མ་ཐུག་པའི་སྒོ་ནས་སྦྱོར་བ་དང་རྣམ་པ་འདྲ་བས་ན་སྦྱོར་བའི་རྣམ་པ་ཞེས་བྱ། སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །གཉིས་པ་ནི། ལྷ་རྫས་རིན་ཐང་མ་ཚང་བ་བརྐུས་པས་ཐོབ་བློ་སྐྱེས་པ་སྤྱིར་བཏང་ལྟ་བུ་སྟེ། ཡན་ལག་གཉིས་མ་ཚང་ལ་མཐར་ཐུག་གྲུབ་པའོ། །དེ་ནི་མཐར་ཐུག་པས་ན་དངོས་གཞིའི་རྣམ་པ་ཞེས་བྱ་ལ། རང་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བའི་སྦྱོར་བ་ཞེས་བྱ་ལ། སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །མཚོ་ཊཱིཀ་ལྟར་རོ། །
|