12973

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྲང་མ
Tibetan Definition 1 སྦྲང་རྩི་གསོག་མཁན་གྱི་གཤོག་ལྡན་གྱི་སྲོག་ཆགས་ཤིག འདི་ལ་བུང་བ་ཟེར། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་རྣམས་སུ་སྦྲང་མ་ལ་བུང་བ་ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་འདུག སྦྲང་མ་ཞེས་པའི་ཐ་སྙད་འདི་ལེགས་སྦྱར་གྱི་ “བྷྲ་མ་ར” ཟུར་ཆག་པ་ཡིན་པར་སེམས། འདི་ལ་ཕྱི་རྒྱལ་བས་bee/honeybee ཟེར། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ར་ཡིག་གཉིས་པ་མེ་ཏོག་འཐུང༌། །སྦྲང་རྩིའི་བརྟུལ་ཞུགས་སྦྲང་རྩི་མྱང་། །སྦྲང་རྩི་སྐྱོང་དང་སྦྲང་རྩི་འདོད། །སྦྲང་རྩིའི་དྲི་མྱང་གེ་སར་སྤྱོད། །རྡུལ་ཉལ་མེ་ཏོག་འཐོར་བ་དང་། །མེ་ཏོག་ཟས་ཅན་མེ་ཏོག་འཇུག །རྐང་དྲུག་བྷྲྀངྒ་བྷྲ་མ་ར། །ཉམ་ཆུང་དབང་པོ་གསུམ་སྒྲ་དང་། །བཅུད་འཛིན་བཅུད་སྦྱིན་བཅུད་བརྟུལ་ཞུགས། །མི་གནས་འཁོར་འགྲོ་གེ་སར་འཛིན།། རྡུལ་འཆང་རི་སྐྱེས་སྤོས་ངད་ལྡན། །རོ་མྱང་མེ་ཏོག་མྱང་བ་དང་། །མེ་ཏོག་ལ་རྩེ་མཆོག་ཏུ་དགའ། །སྦྲང་རྩི་སྤྱོད་བྱེད་སྦྲང་རྩི་འདོད། །སྦྲང་རྩིའི་ཟས་ཅན་སྦྲང་རྩི་སྐྱེས། །སྦྲང་བུ་སྦྲང་མ་བུང་བའོ། །ཞེས་གསུངས། མངོན་བརྗོད་རྒྱ་མཚོ་ཆུ་ཐིགས་སུའང་འདི་ཅུང་བསྡུས་ཙམ་ཞིག་སྣང་། དོགས་གཅོད། གོང་མངོན་བརྗོད་ཀྱི་ལུང་དེར་ “སྦྲང་རྩི་འདོད” ཅེས་པ་འདི་ལན་གཉིས་འབྱུང་བས་དཔྱད་པར་བྱའོ། །