12980

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྲུལ་དུ་བཟླས
Tibetan Definition འགོར་ཨོཾ་དང་མཇུག་ཏུ་སྭཧ་ཡོད་པའི་སྔགས་ཕྲེང་ལ་སྤྲུལ་ཞེས་བྱ་ལ་དེ་ལྟ་བུའི་སྔགས་བཟློ་བ་ལ་སྦྲུལ་བཟླས་ཟེར་ཏེ། རིམ་ལྔ་གསལ་སྒྲོན་ལས། དེ་ཡང་ཐོག་མར་ཨོཾ་དང་མཐར་སྭཧ་ཡོད་པའི་སྦྲུལ་དང༌། ༀ་ཡོད་ལ་སྭཧ་མེད་པའི་མཇུག་མེད་དང༌། དེ་ལས་བཟློག་པའི་མགོ་མེད་དང༌། གཉིས་ཀ་མེད་པའི་བཏུས་པ་ཞེས་བཞི་གསུངས། སྒྲ་བཤད་ནི། ཐོག་མར་ཨོཾ་དང་མཐར་སྭཧ་ཡོད་པའི་གཟུངས་སྔགས་ལ་སྦྲུལ་ཞེས་བརྗོད་པའི་རྒྱུ་མཚན་ནི། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཐོག་མར་ཨོཾ་གདེངས་ཀ་དང་འདྲ་བ་དང༌། བར་དུ་སྦྲུལ་གྱི་ལུས་ལྟ་བུ་དང༌། མཐར་སྭཧ་མཇུག་མ་ལྟ་བུར་ཡོད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །