13009

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨིན་མ་དང་རྫི་མ
Tibetan Definition 2 (འཇིག་རྟེན) འཇིག་རྟེན་ན་སྨིན་མ་ཞེས་པ་གསུང་རབ་ནས་བཤད་པའི་རྫི་མ་དང༌། འཇིག་རྟེན་ན་རྫི་མ་ཞེས་པ་གསུང་རབ་ནས་བཤད་པའི་སྨིན་མ་ལ་གོ་དགོས་ཏེ། དཔེར་ན་འཇིག་རྟེན་ན་མིག་རུས་ཀྱི་མཐའ་སྐོར་གྱི་སྤུ་མཐུག་པོ་ཡོད་པ་ལ། རྫི་མ་མཐུག་པོ་ཟེར་བ་བཞིན་ནོ། །འདི་དག་གི་ཁྱད་པར་རྗེ་གུང་ཐང་པ་སོགས་མཁས་པ་འགའ་ཞིག་གིས་གསལ་བར་ཕྱེད་ནས་གསུངས་པ་མ་གཏོགས། དག་ཡིག་དང་ཚིག་མཛོད་རྣམས་སུ་མི་གསལ་ལོ། །འོན་ཀྱང་དགེ་འདུན་ཆོས་འཕེལ་གྱིས། ད་ལྟ་བོད་ཀྱི་ཡུལ་མང་པོར་རྫི་མ་སྨིན་མའི་མིང་དུ་བྱེད་ཀྱིན་འདུག་པ་ལ་མ་ནོར་བ་དགོས། ཞེས་གསུངས་སོ། །