From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྨེ་གབ
|
Tibetan Definition
|
(འདུལ་བ) རབ་བྱུང་མ་རྣམས་ཀྱི་ཟླ་མཚན་འཛག་པ་སྐྱོབ་བྱེད་ཀྱི་གསང་གནས་མོ་མཚན་འགེབས་པའི་གོས་ཀྱི་མིང་། མའི་རྣམ་འབྱེད་༼ ཏ ༽༣༠༠ན༥ལས། སྨེ་གབ་ཅེས་བྱ་བ་ནི་བུད་མེད་ཀྱི་མི་བདེ་བ་དགབ་པའོ། །ཞེས་གསུངས་པ་ལྟར་རོ། །འདིའི་མི་བདེ་བ་ཞེས་པ་ཟླ་མཚན་ལ་ཟེར། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གསང་བའི་ཕྱོགས་དགབ་པའི་ཐབས་སུ་གྱུར་པ་ནི་སྨེ་གབ་བོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སྨེ་ནི་གསང་གནས་སམ་མི་གཙང་བའི་དོན་ཡིན་ལ་གབ་ནི་དགབ་པའམ་འགེབས་པའི་དོན་ནོ། །ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་མདོ་རྩའི་བརྡ་བཀྲོལ་ལས། སྨེ་གབ་ནི་ཟླ་མཚན་སྐྱོབ་པའི་གོས་ངན། ཞེས་གསུངས།
|