13023

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨོན་འཇུག་གི་ཁྱད་པར
Tibetan Definition (ཕར་ཕྱིན) དེ་གཉིས་ཀྱི་ཁྱད་པར་ནི། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་མ་ཟིན་གྱི་སྒོ་ནས་འཇོག་གོ། དེ་ཡང་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་ལ། སྨོན་པ་སེམས་བསྐྱེད་དང་། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་སེམས་བསྐྱེད་ལ། འཇུག་པ་སེམས་བསྐྱེད་ཟེར་རོ། །