13032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྱན་བྱེད་པ
Tibetan Definition (འདུལ་བ) བསྙེན་བྱེད་པའམ་གཉེན་བྱེད་པ། ཕོ་མོ་ཕན་ཚུན་གཉེན་སྒྲིག་གི་མཚམས་སྦྱོར་བྱེད་པའི་བྱ་སྤྱོད་ཀྱི་མིང་ཡིན། ཉ་དང་མྱ་གཉིས་སྒྲ་གདངས་མཚུངས་པས་སྔོན་གྱི་འབྲི་སྲོལ་ལ་དེ་གཉིས་གདམ་ཀའི་ཚུལ་དུ་འབྲི་བ་ཡོད་དེ། དཔེར་ན། གཉེན་བྱེད་པ་ལ་སྨྱན་བྱེད་པ་དང་། བསྙུང་གནས་ལ་སྨྱུང་གནས། གཉིད་ལམ་ལ་རྨྱིད་ལམ་མམ་རྨྱི་ལམ། ཨ་ཉོག་ལ་ཨ་མྱོག བྱ་བརྙངས་ལ་བྱ་རྨྱང་ཞེས་འབྲི་བ་ལྟ་བུས་མཚོན་ནོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༨༩ན༥ལས། སྨྱན་ཞེས་བྱ་བ་ནི་འཕྲིན་པ་ཉིད་དོ། །ཞེས་ཀྱང་གསུངས་སོ། །