From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྨྱུང་གནས
|
Tibetan Definition
|
ལྟོགས་སྐོམ་དུ་གནས་ནས་ཆོས་ཀྱི་དཀའ་ཐུབ་བྱེད་པའི་མིང་། ཡང་སྤྱིར་བཏང་ལྟོགས་སྐོམ་དུ་གནས་པ་ལའང་སྨྱུང་གནས་ཟེར། བསྙུང་གནས་དང་དོན་འདྲ། “ཉ” དང་ “མྱ” གཉིས་སྒྲ་གདངས་མཚུངས་པས་སྔོན་གྱི་འབྲི་སྲོལ་ལ་དེ་གཉིས་གདམ་ཀའི་ཚུལ་དུ་འབྲི་བ་ཡོད་དེ། དཔེར་ན། གཉེན་བྱེད་པ་ལ་སྨྱན་བྱེད་པ་དང་། བསྙུང་གནས་ལ་སྨྱུང་གནས། གཉིད་ལམ་ལ་རྨྱིད་ལམ་མམ་རྨྱི་ལམ། ཨ་ཉོག་ལ་ཨ་མྱོག བྱ་བརྙངས་ལ་བྱ་རྨྱང་ཞེས་འབྲི་བ་ལྟ་བུས་མཚོན་ནོ། །སྨྱུང་གནས་ཀྱི་སྒྲ་བཤད་ལ་དོགས་གཅོད་སོགས་ཞིབ་པ་བསྙུང་གནས་ཞེས་པའི་ཐད་དུ་གཟིགས།
|