13060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྭཱཧཱ
Tibetan Definition (ལེགས་སྦྱར) 1 གཞི་ཚུགས་ཤིག 2 ལྷ་ལ་སྦྱིན་སྲེག་སྦྱིན་པའི་དོན། སཾ་བོད་སྐད་གཉིས་སྦྱར་གསེར་གྱི་ཕྲེང་མཛེས་ལས་བཤད། མུ་སྟེགས་པས་སྦྱིན་སྲེག་འབུལ་སྐབས། སྤེལ་ཚིག་རེའི་མཛུག་ཏུ་སྭཱཧཱའི་ཚིག་རེ་སྦྱར་ཏེ་འབུལ་བ་དེང་སང་ཡང་ཁོང་ཅག་གི་སྦྱིན་སྲེག་གི་ཆོ་ག་བྱེད་དུས་མཐོང་རྒྱུ་ཡོད། ཁོ་བོས་ནི་མཆོད་ཅིག མཆོད་ཅིག་ལྟ་བུའི་ཚིག་ཅིག་ཡིན་པར་སེམས་སོ། །3 སྡིག་པ་ཞི་བ་དང་། དགེ་ཚོགས་འཕེལ་བ། ལེགས་པ་ཀུན་སྦྱིན། སྭཱཧཱ་ནི་སྡིག་པ་འཇོམས་པ་དང༌། དགེ་བ་འཕེལ་བ་སོགས་ཀྱི་བྱེད་ལས་དང་ལྡན་པས་དབུགས་འབྱིན་པ་སྟེ། རྩེ་མོ་ལས། སྭཱཧཱ་ཞེས་ནི་ཅི་ཞིག་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང༌། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉམས་པ་ཐམས་ཅད་འཕྲོག་བྱེད་ཅིང༌། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་གསུངས། ཞེས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསང་འདུས་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་རྒྱ་མཚོའི་སྙིང་པོ་ལས་གསུངས་པ་ལྟར་རོ། །4 གྱུར་ཅིག་ཅེས་པའི་དོན་ཡིན། བཅོམ་ལྡན་རིག་རལ་གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྒྱན་གྱི་མེ་ཏོག་༦ན༥ལས། སྭཱཧཱ་ནི་གྱུར་ཅིག་པའོ། །ཞེས་གསུངས། གཞི་ཚུགས། བརྟན་བྱེད་དམ། བརྟན་པར་གྱུར་ཅིག་ཅེས་པའི་དོན།