13061

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྭཽ་སྭཽ
Tibetan Definition 1 དབུ་འཕང་བསྟོད་བྱེད་དམ། རྒྱལ་བར་འགྱུར་ཅིག་གམ། རྒྱལ་ལོ་རྒྱལ་ལོ་ཞེས་པའི་གཟེངས་བསྟོད་པའི་འབོད་སྒྲ་ཞིག་ཡིན་པར་སེམས། ཀི་ཀི་བསྭོ་བསྭོ་ཞེས་པའི་བསྭོ་བསྭོ་དང་དོན་གཅིག་ཡིན་མིན་དཔྱད། དབུས་སུ་འཁྲུག་པ་བྱེད་པའི་དམག་ཕན་ཚུན་ཆས་ནས་འཐབས་པ་ལ། མི་ཀུན་གྱིས་སྭཽ་སྭཽ་བྱས་པས། ཁ་ཅིག་ན་རེ་སྭཽ་དང་སྭཽ་སྟེ་ཁོང་གི་ཕྱོགས་མང་ན་ཟེར་ལོ། །དེ་བཞིན་དུ་ཉོན་མོངས་པ་དང་འཐབ་པ་ལ། ཁ་སྟག་བཟླས་ཀྱང༌། ཉོན་མོངས་པའི་ཕྱོགས་མང་ལ། གཉེན་པོའི་ཕྱོགས་ཉུང་བར་འདུག་ན་གསུང༌། ཞེས་དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༡༡༨ན་གསལ།