13084

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་པའི་རྟེན་འབྲེལ
Tibetan Definition (ཕར་ཕྱིན) རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བཅུ་པ་ནི། སྔར་གྱི་འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པ་སྲེད་ལེན་གཉིས་ཀྱིས་གསོས་བཏབ་པས་ཡང་སྲིད་ཕྱི་མ་འདྲེན་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པ་སྟེ། དེ་ལས་ཡིན་ཀྱང་དེ་ལ་སྲིད་པའི་མིང་གིས་བཏགས་པ་ནི། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །དཔེར་ན་ཀུ་ཤུའི་སྡོང་པོ་ཞེས་པ་བཞིན་ནོ། །སྒྲ་དོན་ཡང་དེས་ཤེས་སོ། །