From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲིན་པོ
|
Tibetan Definition
|
<རཱཀྴ་ས> མི་ཤ་ཟ་ཞིང་ཁྲོ་གཏུམ་ཆེ་བའི་མིའི་རིགས་རྒྱུད་ཅིག བོད་རྒྱ་ཚིག་མཛོད་ཆེན་མོར། གདུག་འདྲེའི་སྤྱིའི་མིང་ཞེས་གསུངས་འདུག་ཀྱང༌། གདུག་འདྲེ་ནི་ཤ་ཟ་འབྱུང་པོའི་རིགས་དང༌། སྲིན་པོ་ནི་མིའི་རིགས་ཡིན་པས་ཁྱད་པར་ཆེའོ། །དེ་ཡང་མཆིམས་མཛོད་༢༣༧ལས། སྲིན་པོ་ནི་མིའི་བྱེ་བྲག་ཡིན་ལ། ཞེས་གསུངས་སོ། །གཞན་ཡང་གདུག་འདྲེའམ་འབྱུང་པོ་ལ་ལེགས་སྦྱར་དུ་ “བྷཱུ་ཏ” ཟེར་བས་དཔྱད་དོ། །རྒྱ་གར་ཡུལ་སྐད་ལའང་ “རཱཀྴས” དང་ “བྷཱུཏ” ཟེར་བ་ཁོ་བོས་བཤད་པ་དང་མཐུན་པ་ཞིག་ལ་ངོས་འཛིན་བྱེད་དོ། །འོན་ཀྱང་སྲིན་པོ་དང་ལྷ་དང་ལྷ་མིན་སོགས་འབྱུང་པོའི་གདོན་ཆེན་བཅོ་བརྒྱད་ཀྱི་གྲངས་སུ་ལྕང་སྐྱ་རོལ་པའི་རྡོ་རྗེས་བགྲངས་ཡོད་པས་དཔྱད་དོ། །
|