From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲིན་བལ
|
Tibetan Definition
|
(འདུལ་བ) <ཀཽཤེཡཾ> སྲིན་བུའི་དར་སྐུད་དམ་གོས་ཆེན་གྱི་རྒྱུ་ལ་ཟེར། ལེགས་སྦྱར་དུ་ “ཀཽཤེཡཾ” कौशेयं ཟེར། ཕྱི་རྒྱལ་བས་silk ཟེར་བ་དེའོ། །འདུལ་བའི་གཞུང་རྣམས་སུ་སྲིན་བལ་གྱི་སྤང་པ་ཟེར་བའི་སྲིལ་བལ་དེ་ཡང་སྲིན་བུའི་དར་སྐུད་ཉིད་ལ་གོ་དགོས། ལུང་ཞུ་བའི་འགྲེལ་པ་ལས། སྲིན་བལ་ནི་དར་གྱི་སྲིན་བུ་ལས་བྱུང་བའོ། །ཞེས་གསལ་བར་གསུངས་ཤིང་། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༡༡༩བ༧ལས་ཀྱང་། སྲིན་བལ་ཞེས་བྱ་བ་ནི་སྲིན་བལ་འབྱུང་བའི་སྲིན་བུ་ལས་བྱུང་བའོ། །ཞེས་གསུངས་སོ། །འདུལ་གཞུང་རྣམས་སུ་སྲིན་བལ་དང་ལུག་བལ་གྱི་ཐ་སྙད་བྱེད་པ་དེས་ཀྱང་ཤེས་ནུས་སོ། །ཤིང་བལ་ཞེས་པ་རང་རེས། ཤིང་བལ་ལམ་ཕྱི་རྒྱལ་བས་cotton ཟེར་བ་དེ་ལ་གོ་བ་འདུག་ཀྱང་། དེ་ནི་ནོར་བ་ཡིན་ཏེ། འདུལ་བའི་སྐབས་སུ་སྲིན་བལ་གྱི་སྤང་པའི་བཅས་པ་མཛད་པ་དེས་ཀྱང་ཤེས་ཏེ། སྲིན་བལ་ནི་ཤིང་བལ་དང་མི་འདྲ་བར་རིན་ཐང་ཧ་ཅང་ཆེ་བས། དགེ་སློང་གིས་དེའི་སྟན་བྱས་ན་སྤང་པའི་ལྟུང་བྱེད་དུ་གསུངས་པས་སོ། །
|