From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲིན་བྱ
|
Tibetan Definition
|
འདྲེ་བྱ་དང་སྲིན་བྱ་འུག་པ་ཡང་ཟེར། མཚན་མོར་འཕུར་སྐྱོད་བྱེད་པའི་བྱ་རིགས་ཤིག ས་སྐྱ་ལེགས་བཤད་ལས། སྐྱེས་མཆོག་རང་གི་སྐྱོན་ལ་ལྟ། །སྐྱེ་བོ་ངན་པ་གཞན་སྐྱོན་ཚོལ། །རྨ་བྱ་རང་གི་ལུས་ལ་རྟོག །སྲིན་བྱ་གཞན་ལ་ལྟས་ངན་གཏོང་། །ཞེས་དང་། ཡང་དེ་ཉིད་ལས། གཡོ་ཅན་སྙན་པར་སྨྲ་བ་ནི། །རང་དོན་ཡིན་གྱི་གུས་ཕྱིར་མིན། །སྲིན་བྱ་སྙན་ནས་དགོད་པ་ནི། །ལྟས་ངན་གཏོང་གི་དགའ་ནས་མིན། །ཞེས་གསུངས་པ་ལྟར་རོ། །མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། འགལ་འདུའི་རྫུན་ཅན་འབྱུང་པོའི་བྱ། །ཉིན་མོར་དགའ་བྲལ་ཉིན་མོ་ཡིབ། །སེར་སྐྱའི་ལྟ་བྱེད་མིག་སེར་ཅན། །གད་མོའི་དབྱངས་ལྡན་སྲིན་བྱའོ།། ཞེས་གསུངས་པ་ལྟར་རོ། །སྤྱིར་བཏང་སྲིན་བྱ་དང་འུག་པ་གཉིས་དོན་གཅིག་ལྟ་བུར་བྱེད་ཀྱང་། མངོན་བརྗོད་མཁས་པའི་རྣ་རྒྱན་སོགས་སུ་སྲིན་བྱ་དང་འུག་པ་གཉིས་ཐ་དད་ལྟ་བུར་གསུངས་འདུག་པས་དཔྱད་པར་བྱའོ། །
|