13108

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲུང
Tibetan Definition འཕགས་སྐྱེས་པོ། སྤྱན་མི་བཟང་། རྣམ་ཐོས་སྲས་ཏེ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་ལྟ་བུའོ། །དེ་ཡང་སྟོན་པས་བསྟན་པ་གཏད་པ་ན་མི་ཁོ་ན་ལ་བཏད་པ་མིན་གྱི་ལྷ་ལའང་བཏད་དེ། དེའི་ཚུལ་ནི། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་ཁྱེད་ཅག་གིས་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག་ཅེས་བསྟན་པ་གཉེར་དུ་བཏད་པ་ལྟ་བུའོ། །དེའི་སྐོར་མདོ་སྡེ་ལས་བརྒྱ་པ་ (ཀརྨ་ཤཏཀ) མདོ་༼ ཧ་པ ༽༢༦༧ན༡ལས་གསུངས་སོ། །ཡང་ན། འཕགས་བོད་ཀྱི་པཎ་གྲུབ་རྣམས་ཀྱིས་བཀའ་བསྒོ་དམ་བཞག་མཛད་ཅིང༌། དེ་དག་གི་དྲུང་ནས་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་སྡོམ་པ་བླངས་པའི་སྲུང་མ་རྣམས་ལའང་ཟེར། འགའ་ཞིག་གིས། སྲུང་མ་དམ་ཚིག་ཅན་ཟེར་བ་སློབ་དཔོན་པདྨས་བཀའ་བསྒོ་དམ་བཞག་མཛད་པའི་ལྷ་སྲུང་གི་རིགས་གཅིག་པུ་ལ་གོ་བ་ལྟ་བུ་ནི་མཐོང་རྒྱ་ཆུང་བས་སྐྱོན་ནོ། །གཏོར་མའི་འགྲེལ་པ་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར་རྒྱུད་འགྲེལ་༼ ཚུ་པ ༽༢༠༧ བ༡ལས་ཀྱང་། སྲུང་མ་དམ་ཚིག་ཅན་རྣམས་དང་ཞེས་བྱ་བ་ནི། ལྷ་མ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ་དང་། གཙུག་ལག་ཁང་གི་སྲུང་མ་གང་བ་བཟང་པོ་ལ་སོགས་པ་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། བསྟན་པ་བསྲུང་བར་དམ་བཅས་པའི་སྒོ་ནས། སྔོན་གྱི་དམ་ཚིག་དྲན་པ་ལ་བཞག་ནས་རྣལ་འབྱོར་པ་རྣམས་སྲུང་བ་སྟེ། དེ་བས་ན། སྲུང་མ་དམ་ཚིག་ཅན་རྣམས་དང་། ཞེས་བྱའོ། །ཞེས་གསུངས་སོ། །གཞན་ཡང་།