From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲོག་གཅོད་པའི་ཕམ་པ
|
Tibetan Definition
|
(འདུལ་བ) སྲོག་གཅོད་པའི་ཕམ་པའི་ངོ་ཏི་ནི། བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་གསོད་སེམས་ཀྱིས་རང་ངམ་བསྐོས་པས་གསོད་པའི་སྦྱོར་བ་བྱས་པ་དེའི་རྐྱེན་གྱིས་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། ཡུལ་སྤོང་བྱེད་དུ་ཆུ་ཀླུད་ཡིད་འོད་ལྡན་གྱི་འགྲམ་དུ་དགེ་སློང་རབ་ཏུ་མང་པོས་དགེ་སློང་གིས་དགེ་སློང་གསོད་པར་བྱེད་པ་ལ་བརྟེན་ནས་ཕམ་པར་བཅས་སོ། །དགག་བྱ་ནི་སྲོག་གཅོད་པའི་བྱ་བ་དང་འབྲེལ་ནས་མིའི་སྲོག་ལ་གནོད་པའོ། །ལྟུང་བའི་ཡན་ལག་ནི། ཐུན་མོང་གི་ཡན་ལག་སྔར་བཤད་ཟིན་ཏོ། །ཐུན་མོང་མ་ཡིན་པའི་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ནི། མིའམ་མིར་ཆགས་པ་ཡིན་པ་དང་། རང་ལས་གཞན་ཡིན་པ། གཉིས་པ་བསམ་པའི་ལན་ལག་ནི། འདུ་ཤེས་དང་། ཀུན་སློང་ངོ་། །གསུམ་པ་སྦྱོར་བའི་ཡན་ལག་ནི་གང་ལ་བསམ་པ་དེ་ཉིད་ལ་གསོད་པའི་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་པའོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི་སྦྱོར་བ་དེའི་རྐྱེན་གྱིས་མི་ཤི་བའོ། །
|