13138

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོག་དང་རྐྱེན་གྱི་ཡི་གེ
Tibetan Definition དབྱངས་བཞི་དང་ཚེག་རྣམས་ལ་སྲོག་གི་ཡི་གེ་ཟེར། སྲོག་ཅེས་པ་ཡི་གེ་རྣམས་ཀྱི་སྲོག་ཏུ་ཞུགས་པའི་དོན་མ་ཡིན་པར་ཡི་གེ་རྣམས་བརྗོད་པ་གསལ་བར་བྱེད་པའི་ནུས་པ་སྟེར་བའི་ཆ་ནས་སྲོག་ཅེས་བཏགས་ཤིང་། བོད་ཡིག་ལ་ཚེག་མེད་ན་སྔོན་རྗེས་རྣམས་འདྲེས་པར་འགྱུར་བས་བརྗོད་བྱ་སྟོན་པའི་ནུས་པ་མེད་དོ། །རྐྱེན་གྱི་ཡི་གེ་ནི། དབུ་ཁྱུད་དེ་མགོ་ཡིག་དང་ཤད་རྣམས་ལ་ཟེར། ཕྱི་མ་འདིའི་སྐོར་ཞིབ་པར་རྐྱེན་གྱི་ཡི་གེ་ཞེས་པའི་ཐད་དུ་གཟིགས། གསེར་ཏོག་སུམ་འགྲེལ་ལ་གཞི་བྱས་ཏེ་བཀོད།