13139
Jump to navigation
Jump to search
སྲོག་པ་རྩ | |
Tibetan Definition | རོ་རྐྱང་དབུ་མ་སོགས་རྩ་ཐམས་ཅད་ཀྱི་རྟེན་དུ་སྲོག་འཛིན་བྱེད་ཀྱི་རྩ་ཞིག དེ་ནི་སྒལ་ཚིགས་ཀྱི་ནང་ཙམ་ལ་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན། སྲོག་པ་རྩ་དེའི་མགོ་བོ་གྲུ་གསུམ་ཡོད་ལ། མགྲིན་པ་གཞོན་ནུ་མའི་ནུ་མ་འདྲ་བ་དང༌། སྙིང་ག་བའི་མིག་འདྲ་བ་དང༌། ལྟེ་བ་པད་མ་འདྲ་བ་དང༌། གསང་གནས་ན་རྡོ་རྗེ་དང་འདྲ་བ་དང༌། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་དང་དབྱིབས་འདྲ་བར་བཤད་དོ། ། |
---|