13149

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོང་བཙན་སྒམ་པོའི་བཙུན་མོ་ལྔ
Tibetan Definition (བལ་ཡུལ་ནས) བལ་བཟའ་ཁྲི་བཙུན། (རྒྱ་ནག་ནས) རྒྱ་བཟའ་ཀོང་ཇོ། (སྟོད་མངའ་རིས་སྐོར་གསུམ་ནས) ཞང་ཞུང་བཟའ་ལི་ཐིག་སྨན། (སྨད་མདོ་ཁམས་སྒང་དྲུག་ནས་མི་ཉག) རུ་ཡོང་བཟའ། (བར་དབུས་གཙང་རུ་བཞིའི་སྟོད་ལུང་ནས) མང་བཟའ་ཁྲི་ལྕམ་དང་ལྔའོ། །མང་བཟའ་ཁྲི་ལྕམ་ལ། སྲས་གུང་རི་གུང་བཙུན་འཁྲུངས། བཙུན་མོ་གཞན་རྣམས་ལ་སྲས་མ་འཁྲུངས་པར་བཤད། ཡང་རྒྱལ་རབས་གསལ་བའི་མེ་ལོང་༡༥༨ལས། མི་ཉག་བཟའ་བསྣན་ཏེ་སྲོང་བཙན་སྒམ་པོ་ལ་བཙུན་མོ་དྲུག་ཡོད་པར་ཡང་བཤད། ཀློང་རྡོལ་བླ་མས་གོང་དུ་བཤད་པ་ལྟར་བཙུན་མོ་ལྔ་རུ་བཤད།