From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཡུང་དྲུང
|
Tibetan Definition
|
3 དམག་ཆེན་གཉིས་པའི་སྐབས་ཀྱི་འཇར་མན་གྱི་མགོ་ཁྲིད་Adolf Hitler ཨེ་ཌོལཕ། ཧིཊ་ལར་གྱི་ལས་རྟགས་ཤིག ཧིཊ་ལར་གྱིས་དམག་ཆེན་གཉིས་པའི་སྐབས་འཇུའུ་མི་རིགས་ས་ཡ་མང་པོ་སྡེབ་གསོད་བཏང་བས། འཛམ་གླིང་སྤྱི་དང་ལྷག་པར་ནུབ་ཕྱོགས་པའི་མི་རིགས་རྣམས་ཀྱིས་འདི་ལ་མི་དགའ་བ་ཆེན་པོ་བྱེད་པས། གཡུང་དྲུང་གི་ལས་རྟགས་འཁོད་པའི་ཚོང་རྫས་ཅི་འདྲ་ཞིག་ཡིན་ཀྱང་སུས་ཀྱང་ཉོ་ཚོང་མི་བྱེད་ཅིང་མི་བྲིན་པས། འདི་ལ་ཡིད་གཟབ་བྱ་དགོས། ཞིབ་ཏུ་བརྟགས་ན་ཧིཊལར་གྱི་ལས་རྟགས་དང་། རྒྱ་གར་དང་བོད་ཀྱི་གཡུང་དྲུང་གི་རི་མོ་གཉིས་མི་འདྲ་སྟེ། ཧིཊལར་གྱི་དེ་གཡོན་འཁྱིལ་ལམ་གཡོན་སྐོར་དང་། བོད་དང་རྒྱ་གར་གྱི་དེ་གཡས་འཁྱིལ་ལམ་གཡས་སྐོར་ཡིན་པའི་ཁྱད་པར་ཡོད་དོ། །
|