13194

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སློབ་མ
Tibetan Definition 3 སྟེན་བྱེད་སློབ་མའི་མཚན་ཉིད་ནི། བློ་གཟུ་བོར་གནས་པ། ལེགས་ཉེས་འབྱེད་པའི་བློ་གྲོས་དང་ལྡན་པ། ཆོས་ལ་དོན་གཉེར་དང་ལྡན་པ་སྟེ་ཁྱད་ཆོས་གསུམ་ལྡན་ཞིག་དགོས་ཏེ། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་སོ། །རྗེའི་ལམ་རིམ་ཆེན་མོ་ལས། གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ (ཚིག་རྐང་འདིས། བློ་གཟུ་བོར་གནས་པའི་ཡོན་ཏན་བསྟན) ལ། །ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ (བློ་གྲོས་དང་ལྡན་པ་དེ་བསྟན) ཞིང༌། །དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་ (དོན་གཉེར་དང་ལྡན་པ་དེ་བསྟན) པའི། །སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། །ཅེས་གསུངས་སོ། །