13228

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧཱུཾ
Tibetan Definition (ལེགས་སྦྱར) 1 ཐུགས་ཀྱི་ས་བོན་ཏེ། སེམས་མཚོན་པར་བྱེད་པའི་ཡི་གེ་ཞིག བཀླག་ཚུལ་ནི། ༀལ་མ་དང་ཧཱུྃ་ལ་ང་རུ་ཐོབ་པ་ཡིན་ཏེ། ཀླུ་སྒྲུབ་ཀྱི་སྔགས་ཀྱི་བཀླག་ཐབས་སུའང་དེ་ལྟར་དུ་བཤད་དོ། །ཞེས་སྣར་ཐང་ལོ་ཙཱ་བ་གསུང་ངོ༌། །2 བདེ་བ་ཆེན་པོའི་ཡེ་ཤེས་དང་། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་བཅས་མཚོན་པར་གསུངས་སོ། །རྗེ་དགེ་འདུན་གྲུབ་པའི་སྒྲོལ་མའི་ཊཱིཀ་རིན་ཆེན་ཕྲེང་བ་༤ན་ལས། ཐུགས་ཀའི་ཧཱུྃ་ཡིག་ནི། སྟོང་ཉིད་སྙིང་རྗེ་ (འདིའི་སྙིང་རྗེ་ཞེས་པ་སྤྱིར་བཏང་གི་སྙིང་རྗེ་ལ་མི་གོ་བར་བདེ་བ་ཆེན་པོའི་ཡེ་ཤེས་ལ་གོ་དགོས་སོ) མཚོན་པས། ཞེས་གསུངས་སོ། །བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༡༦ན༥ ལས། ཧཱུྃ་ནི་ཧེ་རུ་ཀའི་ཐུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚོན་བྱེད་ཡིན་ལ། མཆོད་རྫས་རྣམས་དེའི་ངོ་བོར་བསྐྱེད་པའི་ཆེད་དུ་ཧཱུྃ་ལས་མཆོད་རྫས་རྣམས་བསྐྱེད་པར་གསུངས་པ་ཡིན་ནོ། །དེ་ལྟ་མིན་པར་མཆོད་རྫས་རྣམས་ཅི་མེད་ཀྱི་སྟོང་པར་སྦྱངས་ནས་དེ་ནས་བར་སྣང་ལ་ཐོལ་སྐྱེས་སུ་བྱུང་བ་ལྟ་བུར་བསྒོམ་པ་ལས་མ་ཤེས་ན་དོན་མ་ཡིན་པ་ཆེན་པོ་བསྐྱེད་པ་ལས་མེད་དོ། །ཞེས་གསུངས། 3 བསྐུལ་བ།