13237

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧིནྡཱུ་སྠན
Tibetan Definition <པར་སིག> རྒྱ་གར། གནའ་དུས་པར་སིག་གམ་དེང་སང་ཨི་རཱན་ཞེས་པའི་ལུང་པ་དེའི་སྐད། དེ་དག་གི་སྐད་ལ་སིན་དྷུ་ལ་ཧིན་དུ་དང༌། སཔྟ་ལ་ཧཔྟ་ (བདུན་ཕྲག་གཅིག་གི་མིང) སོགས་སུ་འབོད་པས། ཧིནྡཱུ་བྱ་བ་ཡང་ཐོག་མར་རྒྱ་གར་ནུབ་ཕྱོགས་ཀྱི་སིན་དྷུའི་ཡུལ་གཅིག་པུའི་མིང་ཡིན་ལ། རིམ་གྱིས་རྒྱ་གར་སྤྱིའི་མིང་དུ་འཇགས་སོ། །ཁ་བའི་ལྗོངས་དང་གངས་ཅན་ཞེས་པ་ཡང་ཧི་མཱ་ལ་ཡ་དང་ཧིམ་བནྟ་སོགས་ཀྱི་དོན་བསྒྱུར་ཡིན་ཞིང༌། བརྡ་དེ་ཡང་སྔ་དུས་སུ་བོད་ཀྱི་ལྷོ་ཕྱོགས་ན་ཡོད་པའི་གངས་རིའི་རྒྱུད་གཅིག་པུའི་མིང་ཡིན་ལ། རིམ་གྱིས་བོད་ཡུལ་སྤྱིའི་མིང་དུ་ཆགས་པར་དགེ་འདུན་ཆོས་འཕེལ་གསུང་ངོ༌། །