From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཧིམཱཙལ
|
Tibetan Definition
|
(ལེགས་སྦྱར) ཁ་བའི་རི་བོའམ་གངས་རི། “हिमाचल” ཧིམཱ་ཙལ་ཞེས་པ་ཁ་ཕྲལ་ན། ཧིམཱ་ཞེས་པའི་འ་ཆུང་ཨ་ཡིག་ཏུ་བསྒྱུར་ནས། ཧིམ་ཨཙལ་ཞེས་འབྲི་བར་བྱེད། ངེས་ཚིག་ནི། “ཧི་མ” ནི་བསིལ་བ་སྟེ་ཁ་བའམ་གངས། “ཨ་ཙ་ལ” ནི་མི་གཡོ་བའམ་མི་འགྲོ་བ་སྟེ་གངས་རིའོ། །དེ་ཡང་ “ཨཙལ” ཞེས་པའི་ “ཨ” ནི་ལེགས་སྦྱར་གྱི་དགག་ཚིག་དང་། ཙལ་ནི་རྒྱ་གར་ཡུལ་སྐད་དུ་ཅལ་ “चल” ཞེས་པ་འགྲོ་བའི་དོན་ཡིན་པས། མི་འགྲོ་བའམ་མི་གཡོ་བ་ཞེས་བསྒྱུར། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༼མདོ་སྡེ་སེ་པ༽༢༨༢བ ༢ལས། ཧིམཱ་ཙལ་ཞེས་བྱ་སྟེ། ཁ་བ་མི་གཡོ་བར་གནས་པ་ཁ་བའི་རི་བོའམ་གངས་རི་ཞེས་བྱའོ། །ཞེས་གསུངས།
|