From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཧོར་སྟེགས
|
Tibetan Definition
|
རྐུབ་སྟེགས་བྱས་ནས་བསྡད་པ། རྐུབ་བཀྱག་བྱས་ནས་བསྡད་པ། འདི་ལ་ཧོར་སྐྱགས། བཟང་པོའི་བཞུགས་སྟངས། བྱམས་བཞུགས། སྟེགས་བཞུགས། སྟེགས་འདུག ཁྱོལ་བཞུགས་རྣམས་མིང་གི་རྣམ་གྲངས་ཡིན། དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༣༩༧ལས་ཀྱང༌། གསེར་ཁྲི་ཡོད་སའི་གམ་དེར་སླེབས་ཚེ་མདུན་ན་འདོན་མི་བཟང་དུ་གཏོགས་པ་ཚང་མ་ཚོགས་ཀྱང་རྒྱལ་པོ་མ་ཕེབས་འདུག་པས་ངེད་རང་ལ་སྟན་ཁྲུ་དོ་ཙམ་ཞིག་བརྩིགས་པ་དེར་ཧོར་སྟེགས་བྱས་བསྡད། ཅེས་གསུངས་པ་ལྟ་བུ། གཞན་ཡང༌། དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༣༣༨ལས། ཆོས་སྐྱོང་ཁྲིའུ་ཤིང་གི་ཁར་བཞུགས་པའི་གདོང་ཐད་དུ་སྒམ་ལ་སྟག་གདན་གཏིངས་འདུག་པར་ཧོར་སྟེགས་ཀྱིས་བསྡད། ཅེས་པ་ལྟ་བུ།
|