13267
Jump to navigation
Jump to search
ཨ་ཀ་རུ | |
Tibetan Definition | <ཨ་གུ་རུ> ཤིང་ཤ་པ། བདུག་སྤོས་སྨན་གྱི་ཁྱད་པར་ཤིང་ཤ་པ་ཡང་ཟེར། ཨ་གུ་རུ་ཟུར་ཆག་པ་སྟེ། བསྒྱུར་ན་ལྕི་མེད་ཀྱི་དོན་ཡིན་པར་བཤད་དེ། དེ་ཡང་ “ཨ” དགག་སྒྲ་དང་། “གུ་རུ” ནི་ལྕི་བའི་དོན་ནོ། །འདི་ནི་ཧ་ཅང་ལྕི་ལ་མཁྲེགས་པའི་ཤིང་ཞིག་ཡིན་པས། འདི་ལ་ལྕི་མེད་ཅེས་བཏགས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། |
---|