13285

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་བ་དྷཱུ་ཏཱི་པ
Tibetan Definition 2 ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསང་སྔགས་ཀྱི་ཆོས་གསན་སའི་བླ་མ་ཞིག ཇོ་བོས་མཆོག་གི་གྲུབ་པ་བརྙེས་པའི་བླ་མ་དེའི་དྲུང་དུ་ལོ་བདུན་སློབ་གཉེར་དང་ཕྱགས་ཕྱིར་བཞུགས་པར། དེབ་སྔོན་སྟོད་ཆ་༢༩༨ན་གསལ་ཞིང་། རྗེའི་ལམ་རིམ་ཆེན་མོ་ལས་ཀྱང་། རྡོ་རྗེའི་ཐེག་པའི་སྡོམ་པ་དང་ལྡན་པ་ནི། བསྟོད་པ་ལས། ཁྱོད་ནི་རྡོ་རྗེའི་ཐེག་པའི་སྒོར་ཞུགས་ནས། །རང་ལྷར་གཟིགས་ཤིང་རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷཱུ་ཏཱི་པ། །སྦས་པའི་བརྟུལ་ཞུགས་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རང་གི་ལུས་ལྷར་གཟིགས་པའི་བསྐྱེད་པའི་རིམ་པ་དང༌། རྡོ་རྗེའི་ཐུགས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་དང་ལྡན་པས་རྣལ་འབྱོར་པའི་གཙོ་བོ་ཞེས་སྤྱིར་བསྟོད་ཅིང༌། ཞེས་གསུངས་སོ། །