13288

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་བྷཱ་ཡཱ་ཀ་ར
Tibetan Definition (ལེགས་སྦྱར) ཨ་བྷྱ་ཀ་ར་དང་དོན་གཅིག ཨ་བྷཱ་ཡཱ་ཀ་ར་གུཔྟ། འཇིགས་མེད་འབྱུང་གནས་སྦས་པ་ཞེས་ཀྱང་ཟེར། བི་ཀྲ་མ་ཤཱི་ལའི་སློབ་དཔོན་ཨ་བྷཱ་ཡཱ་ཀ་ར་ནི། རྡོ་རྗེ་གདན། བི་ཀྲ་མ་ཤཱི་ལ། ནཱ་ལེནྡྲ་གསུམ་གྱི་མཁན་པོ་མཛད་ཅིང༌། འགྲན་དུ་མེད་པའི་བསྟན་པའི་བདག་པོ་ཆེན་པོར་གྱུར་ཏེ་ཐེག་པ་ཆེ་ཆུང་གི་བསྟན་པ་ཐམས་ཅད་དང༌། ཁྱད་པར་ཤེར་ཕྱིན་གྱི་ཆོས་ཚུལ་ཤིན་ཏུ་རྒྱས་པར་མཛད་དེ་རྒྱན་དྲུག་གི་དུས་ཡོལ་ནས་མཁས་པ་སྒོ་དྲུག་གི་ཡ་གྱལ་རིན་འབྱུང་ཞི་བ་དང༌། སློབ་དཔོན་འདི་གཉིས་ལས་བསྟན་འགྲོའི་དོན་རྒྱ་ཆེ་བར་མ་བྱུང་བར་གྲགས། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་ཤིང་གནང་བ་བསྩལ་ནས། སམྦུ་ཊའི་འགྲེལ་པ་མན་སྙེ་དང་ཕྲེང་བ་སྐོར་གསུམ་སོགས་སྔགས་ཀྱི་བསྟན་བཅོས་ཟབ་ཅིང་རྒྱ་ཆེ་བ་མང་དུ་མཛད། འདིས་མཛད་པའི་བསྟན་བཅོས་རྣམས་ནི་ཕྱི་རབས་པ་དག་ལ་སྲོག་ཆད་ཀའི་བདུད་རྩི་ལྟ་བུར་གྱུར་པ་ཡིན་ཏེ། དུས་ཕྱིས་འདི་དང་མཉམ་པའི་བསྟན་པའ་གསལ་བྱེད་མཁས་པ་ཆེན་པོ་གཞན་མ་བྱུང་བར་གྲགས་སོ། །